Skip to main content

Posts

Showing posts from December, 2013
ང་ཡི་བླ་མ།། ༑ཕྱོགས་བཞི་ཀུན་གྱི་མགོན་པོ།། ༧གོང་ས་སྐྱབས་མགོན་ཆེན་མོ།། ས་ཕྱོགས་གང་དུ་བྱོན་ཡང།། ཞི་བདེ་ཡོངས་ལ་བསྐྲུན་སོང།། ཁྱེད་ཀྱི་ཞི་བདེ་རྩ་བའི།། དམངས་ལ་ཧ་ཅང་ཕན་པས།། སེམས་ཅན་དུད་འགྲོ་ཡིན་ཡང།། ཁྱེད་ལ་གུས་རྩི་ཞུས་སོང།། གངས་ཅན་ཡོངས་ཀྱི་མགོན་པོ།། ༧གོང་ས་སྐྱབས་མགོན་ཆེན་པོ།། བོད་དང་བོད་མི་ཆེད་དུ།། སྐུ་ལས་ཚད་མེད་བསྐྱོན་སོང།། ཕྱོགས་བཞི་ཀུན་གི་ནོར་བུ།། གངས་ཅན་བོད་ཀྱི་མགོན་སྐྱབས།། སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ།། གུས་པའི་ཁྱེད་ལ་ན་མོ།། ཁྱེད་ཀྱི་འཁྲུངས་སྐར།། དུས་བཟང་འདི་་རིང་ཉིན་མོ།། དགའ་བའི་གླུ་ཞིག་ལེན་དང།། ཆོལ་གསུམ་བོད་མི་རྣམས་པ།། དགའ་དགའ་སྐྱིད་སྐྱིད་གནང་དང།། དུས་བཟང་སྐྱིད་པའི་དུས་ལ།། འབྱུང་བཞི་ཡིན་ཡང་སྤྲོ་ནས།། ཁྱེད་ཀྱི་འཁྲུངས་སྐར་ཉིན་ལ།། ཀུན་གྱིས་མཆོད་པ་ཕུལ་ཡོད།། ད་ཆ་འཛམ་གླིང་ཡོངས་ཀྱིས།། ཁྱེད་ལ་གུས་རྩི་ཞུས་པས།། སྐྱབས་མགོན་ཆེན་མོ་ཁྱེད་ཀྱིས།། བོད་པའི་ངི་བོ་སྲུང་སོང།། ཡོང་རྒྱུའི་འཁྲུངས་སྐར་ཉིན་ལ།། སྐྱིད་པའི་ཉི་མ་ཤར་ཏེ།། གཞིས་བྱེས་ཉམས་འཛོམས་བྱེད་ནས།། འཁྱུངས་སྐར་བོད་ལ་གཏོང་ཆོགས།། གུས་མི་ཕམ་ནས་ཕུལ།། ...